New Tibetan Gorshey Song || དཔྱིད་གསུམ་དཔྱིད། || Chisum || Official Music Video

Special Losar present for all the lovers of Gorshey and Traditional music. ཤག་སྒང་སྒྲ་འཇུག་ཁང་། རྫོགས་ཤད་ཐེབས་ལ་ཉེ་བའི་གནའ་བོའི་གླུ་གར་གྱི། ཚིག་སྒྲ་དང་དབྱངས་སྒྲ་རྣམས་ཇི་བཞིན་ཏེ། སྒྲ་ཉམས་གྲུ་ཆག་མེད་པར། མི་རབས་གཞོན་པར་རྩིས་སྤྲོད་ཐུབ་རེ་དེ་ཡིན། “དཔྱིད་གསུམ་དཔྱིད།” ནི་བདག་གི་བརྙན་ལེན། གླུ་དབྱངས་གསུམ་པ་དེ་ཡིན་པས། སྟོད་མངའ་རིས་ས་ཁུལ་བཀྲིས་སྒང་དང་། ཉེ་འབྲེལ་རོང་ཕྱོགས་སུ་དར་བའི། ནམ་དུས་བཞིའི་ངག་གླུ་ལ། དགའ་བའི་མི་རྣམས་ནས། ཐུགས་མཉེས་རྒྱབ་སྐྱོར་གྱི་རེ་བ་ཡོད། Shakgang Studio This studio aims to preserve, promote, and hand over the slowly disappearing traditional song and dance with its original lyrics and melody intact to the future generation. This piece “CHISUM CHIT” is the third project that I have carried out. I greatly appreciate all your interest and support shown for my previous works. Please continue your steadfast support for this one too. I hope everyone enjoys this unique piece of ancient melody from the historic land of Zhangshung aka Ngari. Huge thanks to our incredible team for pouring heart and talent into making this possible. Tibetan Lyrics: དཔྱིད་གསུམ་དཔྱིད། ༡ དཔྱིད་ལེ་གསུམ་དཔྱིད་དེ་ན། ཟླ་མོ་གསུམ་གྱི་སྟེང་དེ་ན། དཔྱིད་ལེ་གསུམ་དཔྱིད་དེ་ན། ཟླ་མོ་གསུམ་གྱི་སྟེང་དེ་ན། གྲོག་ར་རེ་རེའི་ནང་དེ་ནས། ཆུ་སྣ་རེ་རེ་རྒྱུགས་བྱུང་ལ། གྲོག་ཆུང་རེ་རེའི་ནང་དེ་ནས། ཆུ་སྣ་རེ་རེ་རྒྱུགས་བྱུང་། ཆུ་ལོ་སྣ་བརྒྱ་དང་། བརྒྱད་ཅུ་ཐམ་པའི་སྟེང་དེ་ནས། ཆུ་ལོ་སྣ་བརྒྱ་དང་། བརྒྱད་ཅུ་ཐམ་པའི་སྟེང་དེ་ནས། ཁྲོམ་ལོ་ཐོག་ཆོད་མཁན། གཙང་ཆུ་སྔོན་མོ་ཡིན་འགྲོ་ལ། རྒྱ་ལྷ་སའི་ཁྲོམ་དེ་ནས། གཙང་ཆུ་སྔོན་མོ་ཡིན་འགྲོ། ༢ དབྱར་ལེ་གསུམ་དབྱར་དེ་ན། ཟླ་མོ་གསུམ་གྱི་སྟེང་དེ་ན། དབྱར་ལེ་གསུམ་དབྱར་དེ་ན། ཟླ་མོ་གསུམ་གྱི་སྟེང་དེ་ན། སྤང་ཁ་རེ་རེའི་སྟེང་དེ་ནས། མེ་ཏོག་རེ་རེ་འཁྲུངས་བྱུང་ལ། སྤང་གཤོངས་རེ་རེའི་སྟེང་དེ་ནས། མེ་ཏོག་རེ་རེ་འབར་བྱུང་། ཚོད་སེ་ཚོད་ལོམ། ཚོ་ལོམ་ཚ། ཡོད་སེ་ཚོ་ལོམ། ཚོ་ལོམ་ཚ་ལ། འགྲིག་ཟེར་ན། འགྲིག་པོ་འཁྱོངས། མེ་ལེ་ཏོག་བརྒ&
Back to Top